合作市电子商务公共服务平台
欢迎访问合作市电子商务公共服务平台

夏河县高原阿妈美食有限公司

时间:2018/8/18 12:02:33

མཐོ་སྒང་ཨ་མའི་ཟས་མཆོག་ཚད་ཡོད་སྤྱི་གཉེར་ཁང་།

མཐོ་སྒང་ཨ་མའི་ཟས་མཆོག་ཚད་ཡོད་སྤྱི་གཉེར་ཁང་ནི་བསང་ཆུ་རྫོང་ཨ་མཆོག་གྲོང་བརྡལ་ནས་གསར་དུ་བཙུགས་པའི་ཟས་རིགས་ལས་སྣོད་བྱེད་ས་ཆེས་ཐོག་མ་ཡིན་ཞིང་། ཁེ་ལས་ཀྱི་རྣམ་གྲངས་རིགས་ཤིག་ཡིན།
   མཐོ་སྒང་ཨ་མའི་ཟས་མཆོག་ཚད་ཡོད་སྤྱི་གཉེར་ཁང་ནི་སྤྱི་ལོ2017ལོའི་ཧོར་ཟླ6ཚེས6ཉིན་གསར་དུ་སྒོ་ཕྱེས་ཤིང་། མ་དངུལ་སྒོར་ཁྲི300ལྷག་འགྲོ་སོང་བཏང་ནས་ཆེས་ཐོག་མའི་གོམ་པ་སྤོས་ཤིང་།  ལས་བཟོ་བ་མི་སྣ20དང་ཆེད་ལས་མི་སྣ་5བཅས་ཀྱིས་སྤྱི་གཉེར་ཁང་གི་ཐུན་མོང་མ་ཡིན་པའི་ཐོན་རྫས་ལས་སྣོན་ བྱེད་ཀྱིན་ཡོད། རྨིད་གྲུ་བཞི་མ3000 ལྷག་གིས་སྤྱི་གཉེར་ཁང་གི་སྤྱིའི་ས་ཁྱོན་གྲུབ་ཡོད་ལ། གཉེར་བཞིན་པའི་ཐོན་རྫས་ཀྱི་རྣམ་གྲངས་ནི་རང་མི་རིགས་ཀྱི་དྲི་ངད་མ་ཡལ་བའི་མཐོ་སྒང་གི་རྩམ་པ་དང་མར། ཆུར་བ། གྲོ་མ་དང་ཞོ། ནས་སོགས་ཐོན་རྫས་མང་པོ་ཐོན་སྐྱེད་བྱེད་བཞིན་ཡོད།

高原阿妈美食有限公司是在夏河县阿木去乎镇创立的第一个加工生产基地,是一家能为人们的生活带来便利的企业。
       高原阿妈美食有限公司于2017年6月6日新开业。总共投入300多万迈出重要的第一步,有二十多个员工和5名专家加工生产着本公司独有的产品,占地面积达3000多平方米,所经营销售的产品有纯正的藏餐食材糌粑、酥油、酸奶、曲拉、蕨麻、青稞等。 

གངས་རིའི་ཉིང་བཅུད་ཀྱི་ཚོང་རྟགས་ངོ་སྤྲོད་མདོར་བསྡུས།

སྲོག་ལྡན་གྱི་འགྲོ་བ་ཚང་མ་ནི་དྲིན་ཆེན་ཨ་མའི་གཅེས་སྐྱོང་འོག་ནས་འཇིག་རྟེན་འདིར་འོངས་ཤིང་། ཨ་མའི་མངལ་ཁྱིམ་དྲོན་མོས་ཡུན་རིང་བསྐྱངས་ཏེ་འཇིག་རྟེན་འདིར་ཐོན་མ་ཐག་པའི་ཚེ་སྲོག་ཉམ་ཆུང་དེ་བདེ་བླག་ངང་འཚར་ལོངས་བྱུང་བ་ནི་ཨ་མའི་ནུ་ཞོ་མངར་མོའི་དྲིན་གྱིས་བསྐྱངས་པ་ཁོ་ནའི་དབང་གིས་ཡིན་ལ། ཨ་མའི་དགོད་སྒྲ་དང་འཛུམ་མདངས་ཀྱིས་དྭངས་གཙང་གི་སེམས་ཁམས་སྨིན་ཞིང་ཨ་མས་སྣབས་ཁས་ཕྱིས་ཤིང་ཟས་ལྕེ་ཡིས་སྦྱིན་པ་སོགས་ཆེས་སྙིང་ཉེ་བའི་བྱམས་སྐྱོང་འོག་ནས་ལང་ཚོའི་སྟོབས་ཤུགས་རྒྱས་ཏེ་མི་ཡུལ་འདི་ནས་རང་རྐང་ཆགས་པ་ཡིན་པས། འཇིག་རྟེན་འདི་ན་ཆེས་སྐུ་དྲིན་ཆེ་ཤོས་དེ་ཨ་མ་ཡིན་ལ། ཆེས་བརྗེད་དུ་མི་ཐུབ་པ་དེ་ཡང་ཨ་མའི་ལག་ཟས་གཙང་མ་དེ་ཡིན། དེར་བརྟེན། ངེད་མཐོ་སྒང་ཨ་མའི་ཟས་མཆོག་ཚད་ཡོད་སྤྱི་གཉེར་ཁང་གིས་ཀྱང་ཕྱི་རབས་བུ་རྒྱུད་དག་གིས་དྲིན་ཆེན་ཨ་མའི་སྐུ་དྲིན་དྲན་ཞིང་ཨ་མའི་ལག་ཟས་གཙང་མའི་བཅུད་ཀྱིས་ང་ཚོ་བདེ་ཐང་གི་འཚར་ལོངས་འབྱུང་བར་དམིགས་ཏེ། དྲིན་ཆེན་ཨ་མ་ཞིག་གིས་ཕྱག་ཏུ་ཁ་ཟས་གཙང་མ་བསྣམས་པའི་པར་རིས་འདི་རང་བཟོ་གྲྭའི་མཚོན་རྟགས་ཏུ་བདམས་ཤིང་། དེ་ཡང་བོད་པའི་རང་བྱུང་ལྷད་མེད་ཀྱི་ཁོར་ཡུག་ནས་འཁྲུངས་པའི་ཟས་མཆོག་ཐོན་རྫས་སུ་བྱས་པ་ལ་བསམ་སྟེ་གངས་རིའི་ཉིང་བཅུད་ཅེས་པའི་མཚན་
གྱི་འོག་ནས་འགྲེམ་སྤེལ་བྱས་པ་ཡིན་ནོ།།

岗瑞酿诺品牌的简要介绍 


每一个拥有生命的众生都是在慈母的精心呵护下来到这个世界,而那弱小的生命在慈母的长期呵护下才得以茁壮成长。母亲用甘甜的乳汁哺育了生命,不辞辛劳、无微不至的将自己的子女养大。母亲为我们解除心锁,是我们心灵路上的导航者。我们之所有,我们之所能就,都归功于我们天使般的母亲。母爱难以报答,而我们从小一直都会在别人面前炫耀母亲做的美食,身处何方都难以忘记。因此,我们高原阿妈美食有限公司为每一位后代都不忘记感恩慈母的养育之恩,且不忘怀母亲拥有营养的净食哺育我们健康茁壮成长为目的,把一位慈母手捧健康美食的这个图片选为本公司的品牌,并且以藏区天然纯净的环境中生产的美食名为岗瑞酿诺而推销。

合作市电子商务公共服务平台
©2018 合作市电子商务公共服务中心,甘南拉卜楞网城互联网科技有限公司 版权所有,并保留所有权利。甘B2-20170038